When educating the minds of young, we must not forget to educate the hearts. More »

Group photo with honourable Syikong Dr Lobsang Sangay More »

Group photo of school staff 2015. More »

Tibetan spelling test organized for the students of class VI to X. More »

English “Sing Song Evening” organized for the students. More »

Inter class salad presentation contest More »

Inter class chess contest held on 28th April 2015. More »

Students participating in the Tibetan dialectic debate practice. More »

 

Tibetan


༼ཨ་མའི་བརྩེ་བ་༽

ཉིེར་བའི་སྣུམ་ཟད་ཀྱི་མར་མེ་འདྲ་བའི་མི་ཚེ་འདི་ནང་བརྗེད་དཀའ་བའི་གནས་ཚུལ་བདག་ལ་མང་པོ་བྱུང་ཡང་བདག་གི་དམར་ཆུང་སྙིང་ལ་བཅངས་པའི་བཏམ་ཞིག་ཡོད།སྙིང་གཏམ་དེ་བརྗེད་དཀའ་བ་དང་བརྗེད་མི་སྲིད་ལ་བརྗེད་བའི་ནུས་པ་ཡང་བདག་ལ་མེད།ཁྱེད་རྣམས་པའི་ཨ་མའི་བཀའ་དྲིན་ག་ཚོད་གལ་ཆེན་དོན་ཆེན་ཡིན་མིན་ཁྱོད་རྣམ་པའི་ཤེས་ཀྱི་རེད་ལ་དེ་བདག་གི་ཡང་བཤད་གོ་མ་རེད།ས་གཞི་དེ་ཡི་ནང་སྡོད་མཁན་གྱི་སྐྱེད་འགྲོ་སྡུག་པ་དང་ངན་པ་ཀུན་ཨ་མ་དང་པ་ལགས་ཀྱི་བརྩེ་དུང་མ་རགས་པ་ལ་རྟེན་ནས་བྱང་པ་ཤ་ཏག་རེད།བུ་ངའི་དམར་ཆུང་སྙིང་གཏིང་ནས་ཨ་མ་ཚོ་ལ་ཞུས་རྒྱུ་རྟག་ཏུ་རང་གྱི་བུ་ཕྲུག་ལ་བརྕེ་དུང་སྤོད་ངེས་ཡིན་པ་དང་སྤྲོད་རྒྱུ་གལ་ཆེན་པོ་ཡིན། དེ་བརྗོད་གཞི་དང་མཐུན་པའི་གཏམ་ཞིག་བཤད་རྒྱུ་ཡིན། ཁྱེད་རྣམས་ཉན་འདོད་ཡོད་པ་ཞུས།   སྔོན་ཉིན་ཞིག་ནུབ་མཐའི་མཚམས་སྤྲིན་ཡོལ་བའི་མཚམས་སུ་བུ་ང་དང་ལྡན་དུ་ཨ་མ་ཚོང་ཁང་ནང་དུ་འགྲོ་བའི་དུས་ལམ་བར་ཆུ་འཛིན་དཀར་པོ་ཀུན་ནག་པོ་དུ་འགྱུར་རྗིས་ཆུ་འཛིན་ནག་པོ་ཐམས་ཅད་ལང་ལོང་དུ་གཡོལ་བ་དང་ད་དུང་བྱ་བྱེའུ་དང་སྦྲང་བུ་ཀུན་གནམ་གཤིས་དེ་ལས་གཡོལ་བ་བཞིན་བྱ་བྱེའུ་དང་སྦྲང་འབུ་གཅིག་ཀྱང་མཐོང་རྒྱུ་མིན་འདུག། གློ་བུར་དུ་ཆར་རླུང་དྲག་པོར་ཞིག་ཡོང་བྱུང། བུ་ང་རབ་ཏུ་གྲང་ནས་བདག་གི་ལུས་པོ་འདར་བསིག་བསིག་ངང་བདག་གི་ཨ་མ་མཐོང་སོང། དེ་དུས་ངའི་ཨ་མའི་སེམས་པ་བཟོད་མ་ཐུབ་པར་ཨ་མའི་རང་གི་ལེན་ཕུད་དེ་བདག་ལ་གཡོག་ནས་བུ་ཕྲུག་དེ་གྱོན་དེ་གྱོན་ཁྱོད་ཀྱི་གཟུགས་ལ་དྲོད་སྤྲེད་ཀྱི་རེད་ཅེས་བྱམས་པོར་བདག་ལ་བརྗོད་བྱུང་ལམ་སེང་བུ་ངའི་ཨ་མའི་ཞལ་རས་ལ་ལྟ་བ་ན་ཨ་མའི་མཛེས་སྡུག་ལྡནཔའི་འཛུམ་མདངས་སྟོན་བྱུང། དེ་རྗེས་ནང་དུ་འབྱོར་བའི་ཚེ་བུ་ངའི་ནམ་མཁར་བལྟས་པ་ན་མཛེས་སྡུག་ལྡན་པའི་ཁྲ་ཚོམ་གྱི་སྐར་ཚོགས་ཀྱི་དབུས་སུ་དཀར་གསལ་ཟླ་བ་འཆར་བ་བུ་ངའི་ཁྲ་ཚུང་མིག་གི་མཐོང་བའི་ཚེ་ཨ་མའི་མཛེས་སྡུག་ལྡན་པའི་འཛུམ་མདངས་ཀྱི་ཞལ་རས་བློ་ལ་ག་ལེར་ཤར་ནས་ཨ་མའི་གངས་དཀར་སེམས་དང་མཚུངས་པ་བདག་གི་ཨ་འི་བྱམས་བརྕེ་དང་བཀའ་དྲིན་བློ་ལ་འཆར་དུས་བུ་ངའི་ཁྲ་ཆུང་མིག་ནས་རང་དབང་མེད་པར་མིག་ཆུ་ཤོར་བྱུང། ངའི་སེམས་ལ་ཕ་མའི་བདག་གི་ཆེད་དུ་དཀའ་ངལ་མང་པོ་བཟོད་ཀྱི་འདུག་ལ་ངའི་ཡང་ཕ་མའི་རེ་སྒུག་སྒྲུབ་ཐུབ་པའི་འབོད་བརྩོན་དང་བརྩོན་འབྲུ་བྱེད་ཀྱི་ཡིན།མཐར་བདག་གི་ཨ་མ་དང་ལྡན་དུ་བདག་གི་པ་ལགས་ཚེ་རིང་པོར་ཞུགས་པའི་སྨན་དུས་ཞུས་།

མིང་   དར་རྒྱས་བདུད་རྩི་།

འཛེན་གྲྭ་  ༨


༼ཕ་མ་ལ་བཅངས་པའི་བརྩེ་བ་༽

གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།

ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།

སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།

ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

བཅས་ཚིགས་བཅད་སྨོན་ལམ་སྔོན་དུ་བཏང་ནས་ཕ་མ་རང་ལ་གུས་བརྩི་ཞུས་བ་དང་ཆབས་གཅིག་ཐུགས་རྗེ་ཆེས་ཞེས་ཞུ་གསོལ་ཡིན་། གང་ཡིན་ཟེར་ན་གུས་མོ་ཆུང་དུས་བྱིས་པའི་དུས་སུ་ཟླ་བ་༩རིང་། མ་རང་གི་གྲོད་པ་ནང་ཏུ་ཉར་བ་དང་ དེ་ཡང་མ་རང་གི་ཟླ་བ་དགུ་རིང་ རང་གི་དགའ་བའི་ཟས་རྣམས་མི་ཟས་ནས་། རང་གི་ཕྲུ་གུ་ཕན་པའི་ཆེད་རྣམས་ཟ་ཡ་མ་ཁྲོད་ན་ཡང་སྡོག་་ལེན་བྱེད་ནས་སྡོད། ད་དུང་མིག་ལ་ན་ཟུག་སྤྲོད་ཀྱང་སྨན་མི་ཟས། ཕ་རང་གི་གུས་མོ་སློབ་གྲར་གཏོང་པའི་ཆེད་མཚན་མི་དབྱེ་ནས་སྡུ་ལས་ཙད་མི་གཏོང་ ད་དུང་དགུན་དུས་གནམ་གཤིས་གྲང་མོ་སྐབས་གྱོན་ཐུབསཔར་ང་ལ་གྱོན་ནས་ ཟས་ཞིམ་ང་ལ་སྤྲོད་ཀྱི་འདུག་། ཕ་མ་རང་གི་བཀའ་ཀྲིན་དི་དུས་རྣམ་ཡང་རྗིས་ཐབས་མེད་།

མིང་ འཇིག་མེད་དཔལ་མོ་

འཛིན་གྲྭ་ ༨


༼དུས་ནམ་ཡང་བརྗེད་ཐབས་མེད་པའི་བླ་མ་༽

ཁྱོད་ཀྱི་ཉིན་མཚན་ཀུན་ཏུ།

སྐུ་ལས་ཚད་མེད་བསྐྱོན་ནས།

བོད་ཕྲུག་ང་ཚོས་ཁྱོད་ལ།

བཀའདྲིན་ཆོའོཁུ་རྒྱུ།

ཁྱོད་ཀྱི་སོ་སོའི་དོན་དུ།

ནང་དོན་སྤུན་ཙམ་མ་བྱས།

བོད་ཕྲུག་ང་ཚོའི་དོན་དུ།
ཉིན་མཚན་མེད་པར་འབད་སོང།

ཐུགས་རྗེ་ཁྱེད་རང་འདྲ་སོ།

ས་ཆ་གང་དུ་བཙལ་ཀྱང་།

མཇལ་རྒྱུ་ཤིན་ཏུ་དཀོན་ནོ་།

ང་ཚོ་ཁྱོད་དང་འཕྲད་པ་།

ཚེ་སྔོན་དགེ་བའི་ལས་རེད།

ཁྱོད་ཀྱི་བཀའ་དྲིན་དུ་།

ནམ་ཡང་བརྗེད་ཐབ་མིན་འདུག།

མིང་   བསོད་རྣམ་དབང་མོ་

འཛིན་གྲྭ་ ༨


༼   སྤྲིན་ལ་བསྐུར་བའི་བདག་གི་སྙིང་གཏམ་ཨ་མ་ལགས་ལ་འབུལ་   ༽

ཨེ་མ་ གཟི་བརྗེད་ལྡནཔའི་འཇིག་རྟེན་འདི་རུ་གོམས་དང་པོ་སྤྲོས་པའི་རྗེས་སུ་འཇིག་རྟེན་འདི་དང་བྲལ་རྒྱུ་ནི་འཁོར་བ་འདི་ཡི་སྒྲིག་གཞི་དང་གཅིག་མཚུངས་ཡིན་མོད་། འོན་ཀྱང་གནམ་མཁའི་བླ་མ་དཀོན་མཆོག་ཀྱོད་ཀྱིས་ང་ཡི་ཨ་མ་དེ་མགྱོགས་མྱུར་འཁྱེར་དོན་ཅི་ཡིན་ནམ་ཨ་མ་ལགས་གུས་མོའི་ངའི་ཁྱོད་ཀྱང་དྲན་བཞིན་ཡོད་། ཨ་མ་ལགས་ འཕེལ་ཆེར་འདི་རིང་ཉིན་མ་འདེ་ཁྱེད་རང་ཡིན་པ་འདྲ་། ནམ་ཟླ་ནི་ཧ་ཅང་གྲང་ཞིང་ངི་བོ་ཡོངས་རྗོགས་རས་ནགས་པོ་བཏུམ་པ་ལྟ་བུའི་ནག་ཐེང་ངེར་གྱུར། དེ་ལྟར་ཧ་ཅང་ཁ་ཁུ་སིམ་པའི་སྐབས་གློ་བུར་དུ་རང་ཆར་བབས་པའི་རླུང་འཚུབ་ཀྱིས་ཁྱོགས་བཞི་ཀུན་དུ་ནག་གེར་བཏང་འདུག་པའི། ང་རང་སྒེའུ་ཁུང་གི་འགྲམ་དུ་ལངས་ནས་རྒྱང་རིང་གི་རི་བོ་རྩི་ལ་རྒྱར་བལྟ་བྱས་སྐབས། སྨྲ་མི་ཤེས་པའི་སྐྱོ་སྣང་ཞིག་གིས་ངའི་སྙིང་འཇགས་གྱི་སེམས་ས་དེ་དཀྲོགས་བྱུང་། འདི་ནི་ཁྱོད་རང་གི་སྙིང་སྒྲ་ཡིན་པའི་ངའི་ཤེས་། ཆར་པ་འདི་ཁྱོད་རང་གི་མིག་ཆུ་ཡིན་པ་ངའི་ཤེས་། ཨ་མ་ལགས་ གུས་མོ་ང་སློབ་གྲྭ་ལ་འགྲོ་ཐེངས་རེར་ངས་ཁྱོད་ཀྱིས་བཤད་ནས་ཚར་རྒྱུ་མེད་པའི་ཡིད་སྐྱོ་བའི་བསལབ་བྱ་དང་གཏམ་རྒྱུད་དེ་རེར་ཉནནས་རྨི་ལམ་གྱི་ཞིང་ཁམས་སུ་འགྲིམས་། སློབ་གྲྭའི་མཚན་མོ་རེ་རེར་ངས་ཁྱོད་ཀྱི་སྐམ་ཞིང་རིད་ལ་ཉམ་ཐག་པའི་ངོ་གདོང་དེ་དྲན་བཞིན་འདས་དོན་གྱི་རྙིང་མཁར་དུ་ཞུགས་འགྲོ་ལ་སྐབས་དེར་མིག་མཐི་མཆི་མ་ཡང་བོས་མགྲོན་དུ་གྱུར་པའི་སྔན་མགོ་མཆི་མས་བརླན་། ད་དུང་ཡང་ཆར་པ་ལྟར་ས་ལ་ཐག་ཐག་བབས་། མཁའ་དབྱིངས་སུ་འཁུར་དགོས་བསམ་ཡང་ང་ལ་གཤོགས་མི་ལྡན། ཨ་མ་ལགས་ ཡང་མཚན་མོ་ཉིན་ཞིག་ལ་ཁྱོད་ཀྱིས་ལོ་བདུན་གྱི་རང་ཉིད་བརྒྱུད་མྱོང་བའི་དཀའ་སྡུག་གི་འཚོ་བ་དེ་དག་ང་ལ་བཤད་པ་འདི་ངའི་དྲན་པའི་གློང་ལ་སྤོབས་པས་རབ་ཏུ་ཁེངས་པའི་མེ་ལྕི་ཞིག་བར་བྱུང། ཁྱིམ་ཚང་ཞིག་གིས་དྲོན་མོ་ཆགས་ས་ནས་བཟུང་ཁྱོད་ཀྱིས་དཀའ་ངལ་བརྒྱ་ཁྲག་གི་ཁུར་ནོ་འཁུར་ནས་ཁྱིམ་ཚང་འདི་ལ་འབད་། ཨ་མ་ལགས་   འཇིག་རྟེན་འདི་རུ་ཁྱོད་ཀྱང་ངའི་ཀྲིད་ལ་ཡོད་པའི་གནམ་དུས་བཞི་དང་འདྲ་བའི་།   དཔྱིད་དུས་ལ་བྲིའུ་ཆུང་གསྲུངས་སྐད་མིད་ནའང་ཁྱོད་ཁོན་ངའི་དཔྱིད་དུས་གྱི་གླུ་སྒྲ་ཡིན། དབྱར་དུས་ལ་མེ་ཏོག་གི་འཛུམ་མདངས་མེད་ནའང། ཁྱོད་ཁོ་ན་ངའི་དབྱར་དུས་ཀྱི་འཛུམ་མདངས་ཡིན། རྟོན་དུས་ལ་ལོ་མ་ས་ལ་ལྷུན་ནས་འདན་སྒྲུག་མཁན་མིད་ནའང། ཁྱོད་ཁོ་ན་ངའི་སྟོན་དུས་ཀྱི་གསར་འདབ་སྒྲུག་མཁན་ཡིན། ཁྱོད་རང་ཡོད་དུའི་ངའི་མི་ཚེ་འདི་ལ་བཀའ་སྡུག་གང་ཡང་མེད་ ཨ་མ་ལགས་ ཨ་མ་ལགས་ངའི་ཉིན་མཚན་མེད་སར་མཚན་མོ་ཟླ་བ་དང་སྷན་དུ་ཁྱོད་རང་རེ་སྒུག་བྱེད་བཞིན་ཡོད། མ་ཟད་ཞེགས་སའི་ཉི་མ་དང་ལྷན་དུ་ཁྱོད་ལ་རེ་སྒུག་བྱེད། ཨ་མ་ལགས་འགྱོགས་མྱར་ཕེབས་རོགས། ཨ་མ་ལགས་ཁྱོད་རང་དྲན་དུས་ངས་ཉིན་མཚན་གྱི་ཁ་མདོག་མེ་མཐོང་ཏེ་ནག་ཐོམ་ཐོམ་གྱི་འཛམ་གླིང་འདི་ན་། ང་ལ་དཔྲལ་བའི་མིག་ལྟར་ཡོད་པའི། ཁྱོད་ཁོ་ན་ངའི་ལུས་ངག་ཡིད་གསུམ་གྱི་མཐོ་ཤོས་ཡིན། ཤི་གསོན་གྱི་དབྱེ་མཚམས་མི་ཤེས་པའི་སྐྱོ་ལྷང་ལྷང་གི་འཇིག་རྟན་འདི་ན། ཨ་མ་ལགས་ཁྱོད་རང་དྲན་བཞིན་ཡོད། ཨ་མ་ལགས་ཁྱོད་ཀྱི་སྲོག་དེ་ངའི་གསོན་ཤུགས་ཀྱི་ནུས་པ་དྲོན་མོ་ཡིན་། ཁྱོད་ནི་ལེགས་ཉེས་ཀྱི་བླང་དོར་ནོར་འགྲོ་བའི་འཇིག་བརྟན་འདི་ཡི་ནང་ངའི་མི་ཚིའི་ལམ་སྟོན་སྒྲོན་མེ་ཡིན། ཁྱོད་ནི་བཟང་ཟིང་གི་འཇིག་རྟེན་འདི་ཡི་སྲོག་གི་རིན་ཐང་གསོན་པོ་ཡིན། ཡིན་ཡང་ངའི་ཚེ་སྲོག་གི་རིན་ཐང་འདི་རླུང་འཚུབ་ཅིག་གིས་ཐལ་སྡུལ་འཁྱེར་བ་བཞིན་། ང་དང་འབྲལ་སོང། ཨ་མ་ལགས་ གུས་མོ་ང་ནི་ཨ་མའི་རང་ཏགི་བྱམས་ཀྱིས་སྐྱོང་ནི་གཅེས་ཕུག་ཞིག་ཡིན་པའི་། འཕེལ་ཆེར་གནམ་མཁའི་བླ་མའི་གུས་མོ་རེ་འབུལ་ཞུས། ཨ་མ་ལགས་ ཨ་ཁུ་སྤྲིན་པ་ཡར་འགྲོ་ཞིག་ལ་ངའི་བརྗིད་མི་ཚར་བའི་རྙིང་གཏམ་འདི་བསྐུར་བའི་། མཐར་ཁྱོད་རང་ལ་རགས་པའི་རེ་སྨོན་ཞུས་། ཨ་ཁུ་སྤྲིན་པ་ལགས་སྒུ་མཁན་ངའི་སྙིང་གཏམས་འདི་བདག་གི་ཨ་མ་ལགས་འཕུལ་རོགས་གནང། ཨ་མ་ལགས་མ་སྐུ་གཟུགས་ལ་ན་ཚ་ཅི་ཡང་མེད་པར་གསེར་མདོག་གི་ཉི་མ་བཞིན་ཞུས་པའི་སྨོན་འདུན་ཡང་བསྐྱར་ཞུ།

མིང་ ཆོས་ཉིད་བཟང་མོ་།

འཛིན་གྲྭ་ བརྒྱད་པ་༼ ༨༽


ངའི་སྐྲ་།

ངའི་སྐྲ་ནི་སྙིང་རྗེ་མི་དང་མདིག་ནི་སེར་སེར་པོ་ཡོད་།

ངའི་སྐྲ་ནི་རེང་པོ་ཡོད་།

ང་སྐྲ་ལ་དགའ་པོ་ཡོད་།

ང་བུ་མོ་ཞིག་ཡིན་པ་མ་ཟད་ང་ལ་སྐྲ་ཡོད་།

ང་བུ་མོ་ཁ་ཤས་སྐྲ་རིང་པོ་དང་ཁ་ཤས་ཐུང་ཐུང་ཡོད་།

ངའི་ནང་མི་མང་ཆེ་བ་སྐྲ་རིང་པོ་ཡོད་།

ཨ་ནེ་དང་གྲ་པ་ཚོ་ལ་སྐྲ་མེད་།

ངས་གྲོགས་མོ་ལ་སྐྲ་རིང་པོ་ཡོད་།

ངས་ཨ་མ་སྐྲ་ལ་དགའ་པོ་ཡོད་།

དེ་བུ་མོ་འདི་ལ་སྐྲ་མིན་འདུག་

འོ་ཛི་བུ་ནམ་སྐྲ་རིང་པོ་ཞགས་གྱི་འདུག་

ད་སེམས་པ་དགའ་གྱི་འདུག་ག་རེ་ལབ་ན་བུ་མོ་ཡེན་པ་མ་ཟད་ང་ལ་སྐྲ་ཡོད་

དེ་ཟང་མི་ཚོས་སྐྲ་རིང་པོ་ཞགས་འདུག་

མིང་      བསྟན་འཛིན་ཆོས་ཉིད་

འཛིན་གྲ།    ༤ བཞི་པ་།

ཨང་གྲངས་     ༨


ལ་དྭགས་།

ངའི་ལུང་པ་ནི་ལ་དྭགས་ཡིན། ང་ལ་དྭགས་ལ་སྡོད་ཀྱི་ཡོད་   ངའི་ནང་མི་ལྔ་ཡོད་ཁོང་ཚོ་ལ་དྭགས་ལ་ཡོད་ ལ་དྭགས་ནི་ལུང་པ་གྲང་མོ་ཡོད་   བོད་པ་མི་ཁ་ཤས་ལ་དྭགས་ལ་ཞུགས་ཀྱི་ཡོད་ དགུན་ཁ་ལ་དྭགས་ལ་གངས་འབབ་ཀྱི་ཡོད   ང་ལ་དྭགས་ལ་དགའ་པོ་ཡོད་   ལ་དྭགས་ལ་སེམས་ཅན་མང་པོ་ཡོད།    ལ་དྭགས་ལ་གཡག་དང་བོང་བུ་མང་པོ་ཡོད་  གཡག་དང་བོང་བུས་ང་ཚོ་ལ་རོགས་པ་བྱེད་ཀྱི་ཡོད་   ལ་དྭགས་ས་འབྲོག་པ་མང་པོ་ཡོད་     མི་ཚང་མ་འཆམ་པོ་ཡོད་།  ལ་དྭགས་ལ་ཁང་པ་མང་པོ་མེད་   ལ་དྭགས་ནི་ལུང་པའི་མིང་ཞིག་རེད་།

མིང   རིག་འཛིན་ཆོས་དཔལ་   འཛིན་གྲྭ་   བཞི་པ་།


ངའོ་སྐོར་།

བཀྲ་ཤིས་བདེ་ལེགས། ངའི་མིང་ལ་བསྟན་འཛིན་འོད་ཟེར་ཡིན། ང་བོད་པའི་བུ་ཞིག་ཡིན་། ང་ལོ་དགུ་ཡིན་། ངའི་ནང་ལ་ཕ་མ་དང་སྤུན་མཆིད་ཡོད། ངའི་ཨ་མ་ནི་ཞོགས་ལྟར་འོ་མ་བཟོ་སྤྲོད་ཀྱི་ཡོད།ང་རང་ནི་ཤ་མོག་མོག་ལ་དགའ་བོ་ཡོད། 

འཛིན་གྲྭ་ བཞི་པ་ མིང་   འོད་ཟེར་།


ང་འི་ཙེད་མོ་དགའ་ཤོས།

མི་ཚེ་ཆུང་ཆུང་སྐབས་ཙེད་ལ་དགའ་པོ་ཡོད།  ཡང་ངའི་ཙེད་མོ་དགན་ཤོས་ནི་རྐང་ཙེད་པོ་ལོ་རེད། ངའི་ཙེད་མོ་དགའ་ཤོས་རྐང་ཙེད་པོ་ལོ་ཡིན་པའི་རྒུ་མཚན་ནི་རྐང་ཙེད་པོ་ལོ་ནི་གཟུགས་པོ་ལ་ཕན་ཐོགས་ཡོད་པ་མ་ཟད་འཛམ་གླིང་ནང་སྐད་དྲགས་ཡང་ཡོད། བུ་མང་པོ་རྐང་ཙེད་པོ་ལོ་ལ་དགའ་པོ་ཡོད་པ་མ་ཟད་དཔར་ཡང་ཉར་གྱི་ཡོད་པ་རེད།

རྐང་ཙེད་པོ་ལོ་ཙེད་བ་ལ་གཟུགས་པོ་ལ་སྟོབས་དང་ནུས་པ་མང་པོ་དགོས་པ་རེད། ངའི་འཛིན་གྲོགས་རྣམས་རྐང་ཙེད་པོ་ལོ་ལ་ཧ་ཅང་དགའ་པོ་ཡོད།

མིང་   ཆོས་དབྱངས་སྒྲོལ་མ་   འཛིན་གྲྭ་ བཞི་པ།


སེམས་པ་སྐྱིད་པོ་ཡོད་པ་སྐོར།

གཞན་ལ་ཡད་པོ་བྱེད་ན་རང་གི་སོམས་པ་བདོ་སྐྱིད་བྱུང་ ང་སོམས་པ་སྐྱོད་དུས་ང་ཕ་མ་གཉིས་ཙ་ལ་འགྲོ་ཡི་ཡོད་   ང་༧གོང་ས་མཆོག་མཇས་དུས་ང་སེམས་པ་ཧ་ཅང་སྐྱིད་པོ་བྱུང་གི་འདུག་། གྲོགས་པོ་མཉམ་དུ་ཙེ་མོ་ཙེ་སྐབས་སེམས་པ་སྐྱིད་པོ་བྱུང་གི་འདུག།  ང་ལ་འཁོར་ཡུག་གཙང་མ་བཟོས་དུས་སོམས་པ་སྐྱིད་པོ་བྱུང་གི་འདུག་   ཐེངས་གཅིག་༧གོང་ས་མཆོག་བོད་ལ་ཕེབས་པའི་རེ་བ་དང་སྨོན་ལམ་ཡོད་།

མིང་ ཀ་རྨ་ང་དབང་ཆོས་ འཛིནགྲྭ་བཞི།


ངའི་ཁྱི་།

ངའི་ཁྱི་ནི་སྤུ་སོབ་སོབ་དང་སྙིང་རྗེ་མོ་ཡོད།   ངའོ་ཁྱིའི་མིང་ནི་སིན་གྲུ་ཟེར་ ཁྱི་དེ་ནི་ཧ་ཅང་གི་སྤྱོད་པ་ཡག་པོ་ཡོད།  ངའི་ཁྱི་ཉིན་མོ་མི་ལ་སོ་རྒྱབ་ཀྱི་མེད་ སིན་གྲུ་ཡི་མདོག་ནི་དཀར་པོ་རེད། སིན་གྲུ་ཤ་ལ་ཧ་ཅང་གི་དགའ་པོ་ཡོད་   སིན་གྲུ་ང་གཉིས་ཆམ་པོ་དང་ཙེདམོ་མཉམ་དུ་ཙེ་ཡི་ཡོད།

མིང་   དངོས་གྲུབ་   འཛིན་གྲྭ་   བཞི་པ།


༧གོང་ས་མཆོག་གི་སྐོར།

༧གོང་ས་མཆོག་ནི་བོད་ཀྱི་དབུ་ཁྲིད་རེད། ཁོང་དགུང་ལོ་བརྒྱད་བཅུ་ལ་ཕིབས་ཡོད། ཁོང་ནི་མི་སྣ་སྐད་གྲགས་ཆེ་ཤོས་ཞིག་རེད།  ཁོང་དགུང་ལོ་༡༦ སྐབས་བོད་ཀྱི་དབུ་འཁྲིད་གནང་བ་རེད་   ཁོང་གིས་བོད་མི་ཚོ་ལ་རང་གི་ཕྲུ་གུ་ནང་བཞིན་བསླབ་བྱ་གནང་གི་ཡོད་ཁོང་ལ་ད་དབར་གཟིངས་རྟགས་ཧ་ཅང་མང་པོ་ཐོབ་ཡོད་ ཁོང་གི་མཚན་ལ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཟེར།

མིང་ བཀྲ་ཤིས་ཚེ་དཔལ འཛིན་གྲྭ་ བཞི་པ།


༧གོང་ས་མཆོག།

༧གོང་ས་མཆོག་ནི་བོད་མི་ཚོར་བཀའ་དྲིན་ཆིན་པོ་རེད།   

ཁོང་ཕྱི་ལོ་༡༩༣༥་ཟླ་བ་བདུན་པའི་ཚེས་དྲུག་ཉིན་འཁྲུངས་པ་རེད།

༧གོང་ས་མཆོག་ནི་བོད་མི་དབུ་ཁྲིད་རེད།

དིང་སང་འཛམ་གླིང་ནང་སྙན་གྲགས་ཆེན་པོ་ཡོད།

༧གོང་ས་མཆོག་ལ་དད་པ་བྱེད་ཁན་མང་པོ་ཡོད།

འཛིན་གྲ་་་་དང་པོ་་་་་་་ཀརྨ་ཆོས་རྒྱལ།

 


འཛམ་གླིང་སྐོར།

འཛམ་གླིང་ནི་ང་ཚོ་སྡོད་སའི་ནང་འདྲ་པོ་རེད།

འཛམ་གླིང་ལ་སེམས་ཅན་དང་མི་མང་པོ་ཡོད།

འཛམ་གླིང་ནང་ལ་ལུང་པ་མང་པོ་ཡོད་།

འཛམ་གླིང་ནང་ཆུ་མང་པོ་ཡོད་

འཛམ་གླིང་ནི་གལ་ཆེན་པོ་རེད་

འཛམ་གླིང་ལ་ས་དང་རླུང་ཚང་མ་ཚང་ཡོད་

འཛམ་གླིང་ལ་མི་རིགས་འདྲ་མིན་སྣ་ཚོགས་ཡོད།

མིང་་པད་མ་མེ་ཏོག།


ངའི་ཨ་ཕ་།

ངའི་ཨ་ཕ་མིང་ལ་ངག་དབང་འཕྲིན་ལས་ཟེར་།

མི་ཚང་མ་ལ་ཨ་ཕ་ཡོད་།

ངའི་ཨ་ཕ་ལ་ཕྲུ་གུ་གཉིས་ཡོད་།

ནང་མི་ནང་ཨ་ཕ་གཙོ་ཆེ་ཤོས་རེད།

ངའི་ཨ་ཕ་ཡིས་གཅུང་པོ་ལ་བརྩོ་ཆས་ཉོས་སོང་།

ངའི་ཨ་ཕ་ནི་ཡག་པོ་ཡོེད་།

མིང་་་་་བསོད་ནམས་བདེ་ཆེན་།

འཛིན་གྲ་་་དང་པོ་


ངའི་གཅུང་མོ་།

ངའི་གཅུང་མོ་མིང་ལ་ཀ་རྨ་བདེ་ཆེན་ཟེར་།

ངའི་གཅུང་མོ་ལོ་གཉིས་རེད་།

ངའི་གཅུང་རྙིང་རྗེ་མོ་ཡོེད་།

ངའི་གཅུང་མོ་ནི་འོ་མ་ལ་ཧ་ཅང་གི་དགའ་པོ་ཡོད་།

ངའི་གཅུང་མོ་ནི་ངའི་པང་ཁ་ལ་སྡོད་ཀྱི་རིད་།

ཨང་གྲངས་་་བདུན་པ།

མིང་་་པད་མ་མཁའ་འགྲོ་།


ངའི་ནང་མི་།

ང་ལ་ནང་མི་བརྒྱད་ཡོད་།ང་ཚོ་ཚང་མ་ལ་ནང་མི་ཡོད་།ནང་མི་ཁ་ཤས་མང་པོ་དང་ཉུང་ཉུང་ཡོད་།ནང་མི་ལ་ཡག་པོ་བྱེད་དགོས།ནང་མི་ཚང་མ་དཀའ་དྲིན་ཆེན་པོ་རེད་།ངའི་ནང་མི་གཅིག་ཚོང་པ་རེད་།ངའིོ་ནང་མི་གཉིས་པ་ཚོང་རྒྱག་གི་ཡོད་།ངའི་ནང་མི་ལ་ཁང་པ་ལླ་ཡོད་།ངའི་ནང་མི་གསུམ་ལ་ལས་ཀ་བྱེད་ཀྱི་ཡོད་།ངའི་ནང་མི་ང་ལ་བྱམས་སྐྱོང་གནང་གྱི་ཡོད་།ངའི་ནང་མི་གཅིག་སློབ་གྲ་གཞན་པ་ལ་ཡོད་།

མིང་་་བསྟན་འཛིན་བློ་ལྡན།

འཛིན་གྲ་་་དང་པོ་།


ཆུའི་སྐོར་།

ཆུ་ནི་ཧ་ཅང་གི་གལ་ཆེན་པོ་རེད་།སྲོག་ཆགས་ཚང་ལ་ཆུ་དགོས་།ཆུ་ནི་བེད་སྤྱོད་ཆིན་པོ་ཡོད་།ཁ་སྐོམ་དུས་ཆུ་དགོས་།གཟུགས་པོ་བཀྲུ་དུས་ཆུ་དགོས་།ཆུ་མེད་ན་ང་ཚོ་ཤི་ཀྱི་རེད་།སེམས་ཅན་དང་རྩི་ཤིང་ལ་ཆུ་དགོས་།
མིང་་་ཀུང་བཟང་།

འཛིན་གྲ་་་་དང་པོ་།


བདག་གི་ཕ་མ།

ཁུ་སིམ་སིམ་མཚན་མོ་སྐབས།

བདག་གི་ཕ་མ་ཡང་ཡང་དྲན་བྱུང།

མཚན་མོ་ནམ་མཁའ་བལྟས་དུས།

བདག་གི་ཕ་མའི་ཞལ་རས་དྲན།

བུ་མོ་མཚན་མོ་ཉལ་དུས།

བདག་གི་ཕ་མ་རྨི་ལམ་གཏོང་བྱུང།

ཞོགས་པ་སྔ་པོ་ལངས་དུས།

མིག་ཆུ་ལྷུང་ལྷུང་ཤོར་བྱུང།

ཉིན་ལྟར་ཕ་མ་དྲན་བྱུང།

སྤྲིན་དཀར་འདྲ་བའི་སེམས་དཀར།

མ་དྲན་བསམ་ནས་དྲན་བྱུང།

བརྗོད་ན་བརྗོད་ཐབས་མིན་འདུག།

འཛིན་གྲྭ     བརྒྱད་པ་ཁ

མིང་     རྣམ་རྒྱལ་དབང་མོ་


ཨ་མ་ལགས།

ཉིན་ལྟར་ཁིང་ཁའི་ནང་ལ

གུས་མོ་བདག་གི་དོན་དུས།

ལས་ཀ་རྫོགས་རྒྱུ་མེད་པ།

དཀའ་ལས་ཚད་མེད་སྐྱོང་མཁན།

གུས་མོ་ངེད་ཅག་གི་དོན་དུ།

དུས་བར་སྐུ་ཚེགས་གདུངས་ནས

ཟ་མ་ཕོར་ོ་གང་བདག་ལ་སྦྱིན

ཁོ་རང་ལྟོ་བ་སྟོང་པར་ཉལ་སོང།

གྲང་མངར་ཆེ་བའི་དགུན་ཁའི་དུས།

འཇམ་པའི་གོས་ཤིག་མི་གྱོན་པར།

བདག་ལ་བསྐོན་པར་བྱེད་པས་རྗེས།

རང་ཉིད་གྲང་བཞིན་མཆན་མོར་སྐྱོང།

འཛིན་གྲྭ     བརྒྱད་པ་ཁ།

མིང་། ཀུན་བཟང་མཆི་མི་།


ཨ་མ།

ཐད་རིང་ཨ་རུ་ན་ཅལ་ཞུགས་པའི།

རླབས་ཆེན་ཡུམ་གྱི་བཀའ་དྲིན་སྙིང་ནས།

ཡུན་རིང་དྲན་པ་ལོ་ཟླ་ཕྱིན་སོང།

སླར་ཡང་སྙིང་དབུས་གཏིང་ནས་དྲན་བྱུང།

མཚན་མོ་བཅོ་ལྔའི་གནམ་མཁའ་སྟེང་ལ།

ཟླ་དཀར་སྒོར་སྒོར་འོད་མདངས་ཆེན་ཞིག།

ཟླ་བའི་འཛུམ་དཀར་དེ་ལ་བལྟ་ན།

ཁྱོད་ཀྱི་འཛུམ་ལྡན་ཞལ་དཀྱིལ་དྲན་བྱུང།

ཁ་ཁུ་སིམ་སིམ་མཆན་མོའི་རྨི་ལས་ནང་དུ།

སྣ་ཚོགས་འཛོམས་པའི་མེ་ཏོག་ལྡུམ་རྭ་ནང་ལ།

གུས་མོ་ང་རང་ཁྱོད་ཀྱི་དཔང་གི་སྟེང་ལ།

དལ་དལ་ལྷོད་ལྷོད་ཉལ་ན་ནེམས་འ་སྐྱིད་དོ།

འཛིན་གྲྭ།     བརྒྱད་པ་ཁ།

མིང་   པ་སངས་དབྱངས་ཅན་།


ཨ ་མ་ལགས།

བཀའ་དྲིན་ཅན་གི་ཨ་མ།

ཁྱོད་ཀྱི་བྱམས་དང་སྙིང་རྗཾེ།

ནམ་ཡང་འཇལ་ཐབས་མི་འདུག།

ཨ་མ་ལགས་མཚོ་མོ་ཉིད།

བརྩེ་སེམས་ཆེ་བའི་ཨ་མ།

ཨ་མ་ཁྱོད་ཀྱི་བརྩེ་བ།

གུས་མོ་སེམས་ནང་ཉར་ཡོད།

ངའི་སྙིང་གི་ཨ་མ་ལགས།

ཐག་རིང་ཡུལ་ལ་ཡོད་པའི།

ཨ་མ་ཁྱོད་རང་དྲན་ཀྱིས།

ཁྱོད་རང་གི་བསླབ་བྱ་དེ།

གུས་མོ་སེམས་ནང་ཉར་ཡོད།

སྲོག་དང་འདྲ་བའི་ཨ་མ།

བདག་གི་སྙིང་གི་ནོར་བུ།

ས་ཕྱོགས་ག་པར་ལྟ་དུས།

ཨ་མའི་ཁལ་རས་འཇལ་གྱིས།

འཛིན་གྲྭ།  བརྒྱད་པ་ཁ   མིང་   བསྟན་འཛིན་མེ་ཏོག།


ཨ་མ་ལགས་ལ་བཅངས་པའི་བརྩེ་སེམས།

ཨ་མ་ཁྱོད་ཉིང་ངའི་མི་ཚི་ཡིན་ལ་སྲོག་ཀྱང་ཡིན་། ཁྱོད་ཀྱི་གུས་མོ་ང་རང་ལ་མི་ཚེ་གསར་པ་གནང་བ་མ་ཟད་ཆུང་དུས་ནས་ལྟ་སྐྱོང་ཧ་ཅང་ཡག་པོ་གནང་། ཨ་མ་ལགས་   སྙིང་ཐག་པ་ནས་དགོངས་དག་ཞུས་ ཡུམ་ཆེན་ཁྱོད་ཉིད་ང་ཆུང་ཆུང་སྐབས་ནས་སྐུ་གཤེགས་སྟབས་ གུས་མོའི་ངའི་ཁྱོད་ཀྱི་ཕྱོགས་སུ་དྲན་ལན་ཅུང་ཟད་ཀྱང་བཅངས་མ་ཐུབ་པ་སེམས་པ་དབུས་ནས་གདུང་ལ།   དེ་ནི་ཅིག་སྤྱིར་ང་ཉིད་ཀྱི་ལས་དབང་ཡིན་ལ་སེམས་པ་ཉིད་ཀྱང་ལས་དབང་དབང་དུ་སོང་།ཨ་མ་ལགས་གུས་མོ་ང་འདིང་སྐྱེ་བ་བཟང་པོ་ཞིག་འཐོབ་ཀྱང་སྡུག་བསྔལ་ཁོ་ན་མྱོང་ནི་ཕྲན་གྱི་ལས་དབང་ཡིན།ཡིན་རུང་ཁྱོད་ཉིད་འཛམ་གླིང་འདི་ནང་གནས་མེད་ཀྱང་གུས་མོ་ང་རྟག་ཏུ་ཁྱོད་དང་ལྷན་དུ་ཡོད།

འཛིན་གྲྭ།     བརྒྱད་པ་ཁ།


གུས་མོ་དཀའ་སྡུག་ཚད་མེད་མྱོང་བའི་སྙིང་གཏམ།

གུས་མོའི་ཨ་ཅ་ལགས་ནི་ཆུང་དུས་གྲོང་པའི་ས་བདག་སྐུ་ངོ་སྟོབས་རྒྱལ་ལགས་ཀྱི་གཟིམ་ཁང་གི་གཡོག་མོ་མྱོང་ཡོད་ཙང་ སྐུ་ངོ་མི་དཔོན་རྣམས་ལ་འཁོར་གཡོག་རྣམས་ལ་སྡུག་པོ་ཚད་མེད་གཏོང་ཚུལ་རྣམས་ད་དུང་ཡང་སེམས་ནང་ལྷང་ལྷང་དུ་དྲན་གྱི་འདུག་ཞེས་བདག་ལ་གསུངས་མྱོང་།   ངའི་བསམ་པར་སྐུ་དྲག་ཆེན་པོ་ཚོའི་ཕྲན་གཡོག་ཚོར་སྡུག་པོི་གཏོང་ཚུལ་སོགས་ཤེས་འདེད་ཆེན་པོ་བྱུང་ཡང་ཁོང་ལ་བཀའ་དྲི་ཞུས་རྒྱུ་གོ་སྐབས་རྩ་བ་ནས་མ་བྱུང།

འཛིན་གྲྭ     བརྒྱད་པ་ཁ།

མིང་ བསྟན་འཛིན་མཚོ་མོ་།


ཁུ་སིམ་གྱི་མཚན་མོ།

མཚན་མོ་ནུབ་མཐའི་མཚམས་སྤྲིན་སྐབས་གནམ་མཁའ་བལྟས་ན་།

ཟླ་བ་འཛུམ་ཟེེར་ཡིད་དུ་འོང་བ་ཤར།

ཡིན་ཡང་དམར་ཆུང་སྙིང་ནས་མིག་ཆུ་མེད་དུ་ལྷུང།

ཡ་མཚན་གྱི་ཟླ་བ་ཁྱོད་ནི་ཨ་མའི་སྐུ་ཚབ་ཡིན་པ་ཚོར།

ཡུམ་ཆེན་ཞལ་རས་ཟླ་བའི་འཛུམ་ཟེར་ནང་ཤར་བ་མཐོང།

དེར་དྲིན་ཆེན་ཁྱོད་ཀྱི་བྱམས་བརྩེ་ཡིད་ལ་ལྷང་ལྒང་དྲན་བྱུང།

ཉིན་མ་ཟླ་བ་མང་པོ་ཕྱིན་ཡང་ཁྱོད་ཀྱི་འཛུམ་འདངས་ཞལ་རས་ད་ལྟ་ཡང།

གསོན་པོ་ངའི་དམར་ཆུང་སྙིང་ལ་ཡང་ཡང་ཤར་ཡོང་གི་འདུག།

སྐྱོ་བའི་མཚན་མོ་ལ་ཁྱོད་ངའི་ཉེ་བར་བསླེབས་པས་དག་སྣང་སྐྱེས།

ད་དང་ཁྱོད་ཀྱི་ང་ལ་སྒྲུང་སྙན་པོ་མང་པོ་བཤད་པ་ངའི་འཚོར་བྱུང།

ངའི་མིག་ནས་དགའ་བའི་དྭངས་ཚུ་རིལ་རིལ་ཨ་མ་ཁྱོད་ཀྱིས།

ཕྱག་གཉིས་སྟེང་དུ་ཟིལ་བའི་མཚན་མོ་བཅོ་ཟླ་འདི་།

སླར་ཡང་འགྱུར་མེད་གནས་པའི་གསོལ་བ་འདེབས་སོ།།

འཛིན་གྲྭ     བརྒྱད་པ་ཁ།

མིང།  བསྟན་འཕེལ་འགྱུར་མེད།


སློབ་སྦྱོང་གི་དམིགས་ཡུལ།
སློབ་སྦྱོང་ནི་སློབ་ཕྲུག་ཚང་མ་ལ་རགས་དགོས་པ་ཞིག་རེད།
མ་རགས་པ་ཡིན་ན་དམིགས་ཡུལ་བསྒྲུབ་ཁག་པོ་རེད། སློབ་སྦྱོང་རགས་པ་ཡིན་ན་དམིགས་ཡུལ་ཡང་མང་པོ་ཡོང་གི་རེད། དཔེར་ན། དགེ་རྒན། སྨན་པ། གནམ་གྲུའི་ཞབས་ཞུ་ བ་ལ་སོགས་ཕྱི་རྒྱལ་ལུང་པའི་མཐོ་སློབ་ཁག་གི་ནང་སློབ་སྦྱོང་བྱ་རྒྱུ་ལ་སོགས་ ཡོང་གི་རེད། གལ་ཏེ་སློབ་སྦྱོང་ཡག་པོ་མེད་ན། རང་གི་དམིགས་ཡུལ་བསྒྲུབ་མི་ཐུབ་པ་མ་ཟད། ཕ་མ་སྤུན་མཆེད་ལ་ཡང་དྲིན་ལན་འཇལ་རྒྱུ་ཧ་ཅང་གི་ཁག་པོ་རེད། དེ་འདྲ་སོང་ཙང་ཚང་མས་སློབ་སྦྱོང་གི་དམིགས་ཡུལ་ཤེས་པའི་ཐོག་ནས་དེ་ལ་དགའ་སྣང་དང་སྤྲོ་སྣང་གི་ངང་ནས་དུས་ཚོད་ཆུད་ཟོད་དུ་མ་བཏང་བར་བརྩོན་འགྲུས་རྒྱུན་མི་ཆད་པ་བྱ་དགོས་སོ།།
བཟང་མོ།
འཛིན་གྲྭ་དྲུག་པ།


ཟླ་བ།
ཚེ་བ་བཅོ་ལྔའི་ཟླ་བ།
བུ་མོ་མཛེས་མ་འདྲ་བ། བུ་མོ་དེ་འདྲ་ཡོད་ན། སེམས་པ་དགའ་ཡང་སྐྱིད་དོ། མཚན་མོ་གནམ་ལ་བལྟ་དུས། དཀར་གསལ་ཟླ་བ་ཤར་བྱུང་།
དབྱིབས་དེ་པོ་ལོ་ནང་བཞིན།
ང་རང་འཁྱེར་དགོས་བསམ་བྱུང་། ཉིན་མོ་གནམ་ལ་བལྟ་དུས། ཟླ་བ་མཐོང་རྒྱུ་མི་འདུགགསེར་གྱི་ཉི་མ་ཤར་དུས། མི་རྣམས་ཚང་མ་དགའ་སོང་།
བསྟན་འཛིན་བཟང་མོ།
འཛིན་གྲྭ་དྲུག་པ།


བྱམས་བརྩེ་ལྡན་པའི་ཨ་མ།
ཐག་རིང་ཡུལ་ན་ཡོད་པའི་ང་ཡི་བྱམས་བརྩེ་ལྡན་པའི་ཨ་མ་ལགས།
ང་རང་ཆུང་ཆུང་བྱིས་པའི་དུས་སུ་བྱམས་སྐྱོང་གནང་མཁན་གྱི་ཨ་མ་ལགས། ས་ཐག་ག་ཚོད་རིང་ཡང་ཁྱེད་ཉིད་དྲན་པའི་མིག་ཆུ་དེ། ཆད་མེད་ཡང་ཡང་ལྷུང་ན་ཡང་། ཨ་མའི་བཀའ་དྲིན་བསམ་ཤེས་ཀྱིས། སློབ་སྦྱོང་ལ་བརྩོན་འགྲུས་ཆད་མེད་བྱེད་བཞིན་ཡོད། ཨ་མས་གནང་བའི་བསླབ་བྱ་རྣམས་སྙིང་གི་ནང་དུ་ཉར་ནས། བཀའ་དྲིན་ཅན་གྱི་སློབ་དགེ་ཡི་བཀའ་སློབ་ནི་ཨ་མ་ཁྱེད་ཀྱི་གསུང་དང་ཁྱད་པར་མིན་འདུག སློབ་དགེ་མཆོག་གི་གསུང་ཚིག་རེ་རེས་ཨ་མ་ཡིད་ལ་ལྷང་ལྷང་དྲན་བྱུང་།
འབྱོར་ལྡན།
འཛིན་གྲྭ་དྲུག་པ།


རྨི་ལམ།
ང་རང་ཆུང་ཆུང་སྐབས་སུ།
རྨི་ལམ་ཡག་པོ་རྨིས་བྱུང་། རྨི་ལམ་དེ་ལ་བལྟ་ན། ཡག་སྡུག་གཉིས་ཀ་འདུག རྨི་ལམ་ཡག་པ་ཞིག་ནི། ལྷ་ཡུལ་སླེབས་པ་རྨིས་བྱུང་། དེ་བཞིན་དངོས་གནས་ཡིན་ནམ།ཡ་མཚན་ཅན་གྱི་རྨི་ལམ། བརྩེ་བའི་ཡབ་ཡུམ་གཉིས་ཀ། རྨི་ལམ་ནང་ལ་མཇལ་བྱུང་། རྨི་ལམ་ནང་ལ་མཇལ་ནས། ཡབ་ཡུམ་སྙིང་ནས་དྲན་བྱུང་།
དབུ་རྒྱན་བསྟན་འཛིན།
འཛིན་གྲྭ་དྲུག་པ།
སྐྱིད་པའི་བོད་ཡུལ།
ནོར་ལྡན་ཚེ་རིང་།
འཛིན་གྲྭ་དྲུག་པ།


ང་ཚོའི་སྐྱིད་པའི་ཡུལ་ལུང་།
གངས་རིས་སྐོར་བའི་ཡུལ་ལུང་། ཆུ་ཀླུང་མང་བའི་ཡུལ་ལུང་། ང་ཚོའི་བོད་ཡུལ་ཡིན་ནོ། ཁོ་ར་ཁོར་ཡུག་རྣམས་སུ། མཛེས་པའི་གངས་རིས་བསྐོར་ཤིང་། ཟང་ཟིང་ཅིག་ཀྱང་མེད་པའི། ཧ་ཅང་སྐྱིད་པའི་ཡུལ་ལྗོངས། ཚ་གྲང་སྙོམས་པའི་བོད་ཡུལ། སྤང་ལྗོངས་མང་བའི་ཡུལ་ལུང་། ས་ཕྱོགས་གང་ལ་ཕྱིན་ཀྱང་། ནམ་ཡང་བརྗེད་ཐབས་མི་འདུག


མེ་ཏོག
མེ་ཏོག་ནི་ས་ཆ་གང་སར་ཡོད་པ་དང་།
དེ་ཡིས་མི་རྣམས་ལ་སེམས་ལ་དགའ་སྣང་དང་སྥྲོ་སྣང་སྤྲོད་ཀྱི་ཡོད། མེ་ཏོག་ལ་ཚོན་མདོག་འདྲ་མིན་སྣ་ཚོགས་ཡོད་པས། འཛམ་གླིང་མཛེས་སྡུག་ལྡན་པ་དེ་ཡིས་བཟོ་གི་ཡོད། སྤྱིར་མི་མང་ཆེ་བ་མེ་ཏོག་ལ་དགའ་པོ་ཡོད་པ་ནང་བཞིན་ང་ཚོའི་དགེ་རྒན་དང་སློབ་ཕྲུག་མང་པོ་མེ་ཏོག་ལ་དགའ་
བས་ང་ཚོའི་སློབ་གྲྭ་ལ་མེ་ཏོག་ཧ་ཅང་མང་པོ་ཡོད།
དེ་དག་གིས་ང་ཚོའི་སེམས་ལ་དགའ་ཚོར་དང་སློབ་གྲྭ་སྙིང་རྗེ་མོ་བཟོ་གི་རེད། མེ་ཏོག་གི་དྲི་ཞིམ་ཕྱོགས་བཅུར་ཁྱབ་པ་དེས་བུང་བ་རྣམས་རྒྱང་རིང་ནས་དགའ་པོའི་ཐོག་ནས་འཁོར་གྱི་ཡོད།
བཀྲ་ཤིས་ལྷ་མོ།
འཛིན་གྲྭ་དྲུག་པ།


སྒྲ་སྙན།
སྒྲ་སྙན་ཟེར་བ་དེ་བོད་ཀྱི་ཐུན་མོངས་མ་ཡིན་པའི་རོལ་ཆའི་གྲལ་ཤིག་ཡིན།
དེའི་སྒྲ་ནི་རྣ་ལམ་དུ་ཐོས་སྐབས་ཧ་ཅང་གི་སྙན་པོ་དང་། མི་མང་ཆེ་བས་རོལ་ཆ་དེ་ལ་དགའ་སྣང་བྱེད་མུས་ཡིན། རོལ་ཆ་དེ་དཀྲོལ་བའི་སྐབས་ཞབས་བྲོ་འཁྲབ་སྲོལ་ཡོད་པ་དེ་ལ་སྒྲ་སྙན་ཞབས་བྲོ་ཟེར། སྤྱིར་སྒྲ་སྙན་གྱི་དབྱིབས་ལ་འདྲ་མིན་སྣ་ཚོགས་ཡོད་པ་མ་ཟད་བརྒྱུད་སྐུད་ལ་གྲངས་ཚད་མི་འདྲ་བ་མང་པོ་ཡོད། བེད་སྤྱོད་ཆེ་ཤོས་བརྒྱུད་སྐུད་དྲུག་ཅན་ཡིན་པ་དང་བོད་ནང་སྒྲ་སྙན་ཞབས་བྲོ་ལ་དགའ་པོ་གནང་མཁན་མང་བ་དང་རྒྱ་གར་ནང་གཞས་པ་ཚེ་རིང་འགྱུར་མེད་ལགས་སྒྲ་སྙན་མཁས་ཅན་ཞིག་དང་ཞབས་བྲོ་ལ་དེ་བས་མཁས་པ་ཞིག་རེད་འདུག་སྙམ།
དབྱངས་ཅན་ཟླ་བ།
འཛིན་གྲྭ་དྲུག་པ། 


དུས་ཚོད།
ང་ཚོས་དུས་ནམ་ཡང་དུས་ཚོད་ལ་སྣང་ཆུང་གཏོང་རྒྱུ་མེད།
སྤྱིར་ཉིན་གཅིག་ལ་ཆུ་ཚོད་༢༤ཡོད་པ་དེ། ང་ཚོས་ཡག་པོ་བྱས་ནས་བེད་སྤྱོད་གཏོང་དགོས། གང་ཡིན་ཞུས་ན། དུས་ཚོད་ཀྱིས་དབང་ཐང་དང་དབུལ་ཕྱུག་གི་དབྱེ་བ་མེད་པར་སུ་ཡང་བསྒུག་གི་མེད། ང་ཚོས་དུས་ཚོད་ཀྱི་རིན་ཐང་དེ་གསེར་ལས་ཀྱང་དཀོན་པ་ཧ་གོ་ཐུབ་དགོས་ལ།འདས་ཟིན་པའི་དུས་ཚོད་ཡང་བསྐྱར་ཐོབ་མི་ཐུབ་པ་དེ་བས་གསལ་ཤེས་ཐུབ་དགོས། དུས་ཚོད་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ཡིན་པའི་དཔེ་མཚོན་ཡང་བསྐྱར་ཞུས་ན།འཛམ་གླིང་ནང་དཔལ་འབྱོར་ག་ཚོད་ཕྱུག་པོ་ཡོད་ཀྱང་དུས་ཚོད་ཉོ་ཐུབ་ཐབས་མེད།
དེར་བརྟེན་ང་ཚོས་དུས་ཚོད་འཕྲོ་བརླག་ནམ་ཡང་གཏོང་མི་རུང་ངོ།


སྐད་ཡིག

སྤྱིར་བཏང་སྐད་ཡིག་ཞེས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད།ལུང་པ་སོ་སོ་ལ་སྐད་ཡིག་འདྲ་མིན་སྣ་ཚོགས་ཡོད། ལུང་པ་སོ་སོའི་སྐད་ཡིག་ཤེས་ན་ཧ་ཅང་གི་ཡག་པོ་རེད། སོ་སོའི་ལུང་པའི་སྐད་ཡིག་མ་ཤེས་ན་ཧ་ཅང་གི་ཐབས་སྐྱོ་བོ་རེད། ཤེས་བཞིན་དུ་བེད་སྤྱོད་མ་བཏང་ན་དེ་བས་ཉེན་ཚབས་ཆེན་པོ་རེད། རྒྱུ་མཚན་ནི་མ་འོངས་པར་རང་གི་སྐད་ཡིག་དེ་མེད་པ་ཆགས་ཉེན་ཡོད། གལ་སྲིད་སྐད་ཡིག་མེད་པ་ཆགས་ན་མི་རིགས་དང་རྒྱལ་ཁབ་ཀྱི་ངོ་བོ་ཡང་རྩ་བརླགས་ཏུ་འགྲོ་ཉེན་ཡོད། ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་ཤེས་དགོས། བོད་ཀྱི་སྐད་ཡིག་མ་ཤེས་ན་བོད་མི་མཚན་ཉིད་ཚང་བ་ཞིག་མ་ཡིན་ནོ།
བསྟན་འཛིན་མཁའ་འགྲོ་
འཛིན་གྲྭ་དྲུག་པ།